甘南拉卜楞网城互联网科技有限公司

10月21号西宁圣地藏阁不见不散

发布时间:2017-10-12 17:53:12   来源:东本艺术平台   浏览次数:

སྐྱེ་ཁམས་འབོད་སྐུལ་ཆེད་འཚོགས།༼ཆུ་ཐིགས།༽

ཆུ་ཐིགས།

༡ ཆུ་ཐིགས་ཞེས་པའི་ཁོར་སྲུང་འབོད་སྐུལ་ཆེད་འཚོགས་འདི་ཉིད་འཁོས་བཅུད་ཉམས་ཀྱིན་པའི་རྨ་འབྲི་རྫ་གསུམ་གྱི་ཚེ་སྲོག་གསོ་བའི་རྩི་སྨན་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་དང་གཅིག ཆུ་མེད་ན་ཚེ་སྲོག་མེད་ལ་ཚེ་སྲོག་མེད་ན་རིག་གནས་མེད་པའི་རང་བཞིན་རྟོགས་པ་དང་གཉིས། ཁོར་སྲུང་འབོད་སྐུལ་ཆེད་འཚོགས་འདིའི་གཙོ་སྒྲུབ་མི་སྣ་ཁོར་སྲུང་དང་བླངས་མཁན་རྩོམ་པ་པོ་གངས་དཔལ་གཙོས་ཐེངས་འདིའི་ལས་རོགས་དང་བླངས་པ་མང་པོས་རང་བྱུང་ཁམས་ལ་བཟུང་བའི་ལྷད་མེད་ཀྱི་ལྷག་བསམ་ནི་ཆེས་དྭངས་ཤིང་གཙང་བ་དང་གསུམ་གྱི་མཚོན་དོན་ལྡན་པའི་ཆུ་ཐིགས་རྡོག་གཅིག་གི་མཆོད་པ་ཨ་སྔོན་དགུང་དུ་བཏེག་ནས་ཁོར་ཡུག་ལ་གཅེས་སྐྱོང་དང་དགའ་དད་ངོམ་པའི་འབོད་སྐུལ་ཐེངས་ཤིག་བསྒྲགས་པ་ལགས།

༢ ཐེངས་འདིའི་ཆུ་ཐིགས་ཞེས་པའི་ཁོར་སྲུང་བྱ་འགུལ་འདི་ལ་སྐྱེ་ཁམས་སྲུང་སྐྱོང་གི་རང་འདུན་མགྲིན་ཚབ་ཀྱི་གླུ་བ ༣༤ དང་གཞས་ཚིག་རྩོམ་པ་པོ ༨ ཡོད་ལ་ཁོང་ཚོ་ནི་རང་བྱུང་ཁམས་ལ་དགའ་ཞེན་དང་མཚོ་བོད་མཐོ་སྒང་ལ་ཐུགས་གཅེས་ཤིན་ཏུ་ཟབ་པའི་དང་བླངས་པ་དག་དག་ཡིན་ཅིང་། ཐེངས་འདིའི་འགྲོ་གྲོན་གྱི་མཐུན་རྐྱེན་སྦྱོར་མཁན་གཡང་སྐྱབས་རྒྱལ་སོགས་ཀྱང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་གི་དང་བླངས་པ་དང་བྱ་འགུལ་འདིའི་འགྲོ་གྲོན་རང་འདུན་གྱིས་ཁུར་ཏུ་ལེན་མཁན་ཡང་ཡིན་ནོ།།

༣ ཆུ་ཐིགས་བྱ་འགུལ་གྱི་ཆེད་བསྒྲིགས་གླུ་གཞས་དག་གི་ནང་དོན་ཡང་མཚོ་བོད་མཐོ་སྒང་གི་རོང་འབྲོག་མང་ཚོགས་དང་རང་བྱུང་ཁམས་ཀྱི་མཛའ་འབྲེལ། འཚོ་བའི་ཐོན་སྐྱེད་དང་ཡུལ་སྲོལ་གོམས་གཤིས་སོགས་རང་བྱུང་ཁམས་ལ་མཐུན་པའི་རྒྱུ་མཚན། བླ་རི་དང་བླ་མཚོ་སོགས་རང་བྱུང་ཁམས་ལ་གོང་བཀུར་དང་དད་མོས་ཡོད་པའི་བསམ་བློ། མེས་པོའི་རིང་ནས་བཟུང་གཡག་རྒྱབ་ནས་ལོ་ཟླ་བསྐྱལ་ཡོང་བའི་དཀའ་ཐུབ་དང་སྙིང་སྟོབས། འཚོ་བའི་ནང་གི་རྒྱུན་སྤྱོད་རིག་གནས་སོགས་ཀྱང་རང་བྱུང་ཁམས་དང་ལྟ་བ་མཉམ་གནས་ཡིན་པའི་གནས་ལུགས་སམ་ཆོས་ཉིད་དེ་གླུ་སྐད་ལ་དྲངས་ནས་བརྗོད་པ་དང་། ཆུ་ཐིགས་ཞེས་པའི་སྐྱེ་ཁམས་སྲུང་སྐྱོང་གི་བྱ་འགུལ་འདི་མུ་མཐུད་ནས་སྤེལ་འཆར་ཡོད་ཅིང་། ཆུ་ཐིགས་ཀྱི་བྱ་འགུལ་འདིའི་དམིགས་ཡུལ་ཡང་། སྤྱིར་མཚོ་བོད་མཐོ་སྒང་གི་རོང་འབྲོག་མང་ཚོགས་རྣམས་ནི་གླུ་ལ་ཉན་པར་དགའ་ཞིང་ལེན་པར་ལྷག་ཏུ་སྤྲོ་བས། གླུ་གཞས་ཀྱི་རིག་གནས་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ལ། གླུ་ནི་ཁོ་ཚོའི་འཚོ་བའི་ནང་མེད་དུ་མི་རུང་བའི་གོམས་གཤིས་སུ་ཆགས་ཡོད་སྟབས་ཐེངས་འདིར་ཡང་མཚོ་བོད་མཐོ་སྒང་ལ་དགའ་ཞེན་ཆེེ་བའི་རང་འདུན་མགྲིན་ཚབ་ཀྱི་གླུ་བ་འདི་དག་གི་གླུ་སྐད་ཁྲོད་ནས་སྐྱེ་ཁམས་སྲུང་སྐྱོང་གི་དགེ་ཕན་ངོ་སྤྲོད་དང་། ལྷག་པར་ཏུ་མཚོ་བོད་མཐོ་སྒང་ནི་ཡ་གླིང་གི་ཆུ་བོའི་འབྱུང་ཁུངས་དང་གཏེར་མཛོད་ལྟ་བུ་ཡིན་པ་དེ་རོང་འབྲོག་མང་ཚོགས་ལ་གསལ་འདེབས་བྱེད་པ་བརྒྱུད་མཚོ་བོད་མཐོ་སྒང་གི་གངས་རི་དང་ཆུ་འགོ རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྣ་མང་ལ་སྲུང་སྐྱོབ་བྱེད་དགོས་པའི་གལ་གནད་རང་བཞིན་དེ་ཤེས་པར་བྱ་བའི་ཆེད་དུ་འབད་འབུངས་རྣལ་མ་རེ་བྱས་པའི་ཕྱི་རྗེས་ཙམ་མོ།།


滴水是可穿石的毅力,滴水是可成海的恒心,滴水亦是生命之源、万物之灵。

青藏高原是众多水流之源,长江黄河、澜沧、长江皆从这里启程。三江源亦是生命源,我们以岗华先生为主各位志愿者众志成城举办的“呼吁青藏高原生态保护的“滴水”专题演唱会是一滴致力于修复三江源生态破坏现状的爱心之水,亦是穿石的毅力和成海的恒心。

千万年来,在青藏高原这片土地上生生不息,繁衍至今的土著民族,他们对这方土地,对这方土地上的山水花草树木皆怀着敬畏之心,它的严酷、暴躁、匮乏,他们的坚韧、慈悲、丰富。他们和它和谐,他们和它统一,他们和它息息相关、密不可分。所以,对自然的敬畏和对生态的保护是我们祖祖辈辈传承下来的优良传统,我们需要继承并发扬光大。

有藏人的地方就有格萨尔王传的吟唱,由此可见,歌舞亦是藏人生活里不可缺少的一部分,因此我们也采取了这种喜闻乐见的方式,以举办演唱会的方式呼吁大家保护生态环境,让广大农牧群众明白青藏高原不仅是藏民族的栖息之地,亦是世界的第三极;这里除了有我们的母亲孩子和雪山牛羊,也有亚洲人民的生命之源,这里所孕育的特有高寒生物品种,更是全人类动植物及自然种质资源库的瑰。我们的八名志愿歌词创造者用心灵和博爱写下了大地之情,我们的三十四位志愿歌手将用用灵魂去歌唱去呼吁,我们的活动将会再接再厉。

最后,特别鸣谢杨杰加先生为此次志愿活动提供一切费用。

དགོང་ཚོགས་ཀྱི་འཛིན་བྱང་ཉོ་ས།

གཡང་སྐྱབས་རྒྱལ། 17697298886

འཕགས་མོ་ཚེ་རིང་། 13897549291

སྐད་འཕྲིན་ལས་འཛིན་བྱང་ཉོ་ས། tibetan6665

售票热线

杨杰加 17697298886

彭毛才让13897549291

微信售票:tibetan6665(加微信可售票)