甘南拉卜楞网城互联网科技有限公司

དྲ་ལམ་ཚོང་ཟོག་དང་བོད་ཀྱི་སྲོལ་རྒྱུན་རིག་གནས།

发布时间:2017-12-12 08:37:19   来源:甘南日报藏文版   浏览次数:

ཀན་ལྷོ་བླ་བྲང་དྲ་ལམ་ཚན་རྩལ་ཚད་ཡོད་ཀུང་སིས་དྲ་ལམ་ཚོང་ཟོག་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་མཉམ་འབྲེལ་དགོས་འཕེལ་རྒྱས་གཏོང་བཞིན་པ།

ཀན་ལྷོ་བླ་བྲང་དྲ་ལམ་ཚན་རྩལ་ཚད་ཡོད་ཀུང་སི་ནི་ཕ་ཡུལ་ཐེ་བོ་ནས་ཡིན་པའི་པད་མ་རྡོ་རྗེས་གཙོ་གཉེར་བྱས་པའི་དྲ་ལམ་ཚོང་དོན་ཀུང་སི་ཞིག་ཡིན་ལ། 2015ལོར་གཞི་ནས་གསར་ཏུ་བཙུགས་པ་ཞིག་ཡིན། ཁོས་ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕུན་སུམ་ཚོགས་པ་ཡིན་པ་དང་རིག་གནས་ཁོར་ཡུག་སྣ་འཛོམས་ཡིན་པ་མཐོང་འཕྲལ། དྲ་ལམ་ཚོང་ལམ་གྱི་སྟེགས་བུ་འདི་འདྲ་ཞིག་གསར་ཏུ་འབད་འབུངས་ཀྱིས་སྒྲུབ་ཏེ་བོད་ཀྱི་ཐོན་རྫས་ཁྱད་ཆོས་ཅན་དག་རྒྱ་ཆེར་ཁྱབ་པར་སྟབས་བདེ་སྐྲུན་ཅི་ཐུབ་བྱེད་གྱིན་ཡོད།

ཀན་ལྷོ་བླ་བྲང་དྲ་ལམ་ཚན་རྩལ་ཚད་ཡོད་ཀུང་སིས་དྲ་ལམ་ཚོང་ཟོག་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་མཉམ་འབྲེལ་དགོས་འཕེལ་རྒྱས་གཏོང་བཞིན་ཡོད་ལ། དེར་མདོག་ལྡན་ཀན་ལྷོ་ཤམ་བྷ་ལ་དང་འཛམ་གླིང་བོད་རིག་སློབ་གླིང་ཀྲུང་གོའི་བླ་བྲང་།  ཤར་ཕྱོགས་རའེ་ཧྲི་ཆུང་བ་ལྷ་མོ་དགོན། མེ་ཏོག་གི་རྒྱ་མཚོ་མཛོད་དགེ་སྨད་ཀྱི་རྩྭ་ཐང་། ལའོ་ཁེའི་མིག་ནང་གི་སྐྱེ་དངོས་ཀྱི་རྒྱལ་ཁམས་ཐེ་བོ། འཛམ་གླིང་གི་རྨ་ཁུགས་དང་བོ་སོགས་ཀྱི་མཛེས་ལྗོངས་ངོ་ སྤྲོད་དང་ཀན་ལྷོ་ཁུལ་ཀྱི་ས་ཆ་སོ་སོའི་ཐུན་མིན་གྱི་ཁྱད་ཐོན་དངོས་རྫས་ཐང་ཀ་དང་འབུར་བརྐོས། འཇིམ་བཟོ། གདོང་འབག  ཡིག་གཟུགས། རྒྱན་གོས་སོགས་ཀྱི་སྒྱུ་རྩལ་རིག་གནས་ཀྱི་སྐོར་དང་། བོད་ཀྱི་ལྗང་མདོག་གི་ཟས་རིགས་སྐམ་ཤ་དང་ལུག་ཤ། ཕག་ཤ། ནས་ཆང་། དབྱར་རྩྭ་དགུན་འབུ། གྲོ་མ། གྲོ་ཚལ། གཡེར་མ། རི་མགོའི་ཚལ་སོགས་ཀྱི་ཟས་རིགས་རིག་གནས་ཁྱད་པར་ཅན་དེ་དྲ་ལམ་ཚོང་དོན་སྟེགས་བུ་ཀན་ལྷོ་ཁུལ་བླ་བྲང་དྲ་ལམ་ཚན་རྩལ་ཚད་ཡོད་ཀུང་སི་བརྒྱུད་དེ་ཕྱིར་ཁྱབ་བསྒྲགས་བྱེད་གྱིན་ཡོད། ཁོས་ད་དུང་རང་གིས་ས་ཁུལ་རང་བཞིན་གྱི་ཁྱད་ཐོན་དངོས་རྫས་གསར་སྤེལ་བྱས་ཏེ་རང་ཁུལ་གྱི་ཐོན་རྫས་གཅིག་ཆོད་ཅན་གྱི་རང་བཞིན་དེ་བསྒྱུར་ཐུབ་རྒྱུའི་ཕུགས་འདུན་ཡོད་ལ། ད་ལྟ་ཡང་དངོས་སུ་ལག་ལེན་དུ་ཕབ་གྱིན་ཡོད།

2015ལོར་ཁོས་བླ་བྲང་དྲ་ལམ་ཚོང་དོན་ཀུང་སི་ནས་ཀན་ལྷོ་བོད་ཁུལ་འཛམ་གླིང་ཡུལ་སྐོར་ལྟེ་ཚོགས་བཙུགས་ཤིང་། དེ་ནི་བོད་ཀྱི་ཁྱད་ལྡན་རིག་གནས་གཙོར་བཟུང་བའི་ཡུལ་སྐོར་ཁེ་ལས་ཤིག་ཡིན་ལ། དེར་ཆེད་ལས་ཅན་གྱི་བོད་ཁུལ་ཡུལ་སྐོར་འཆར་འགོད་བྱེད་མཁན་ཡང་ཡོད། ཁོས་བོད་ལྗོངས་དང་མཚོ་སྔོན། ཟི་ཁྲོན། ཀན་སུའུ། ཡུན་ནན་ཞིང་ཆེན་སོགས་ཀྱི་བོད་ཁུལ་ཡུལ་སྐོར་ཐོན་ཁུངས་བེད་སྤྱད་དེ་ཡུལ་སྐོར་བར་བདེན་གྲུབ་ཀྱི་བོད་ཁུལ་དང་མཛེས་སྡུག་གི་བོད་ཁུལ་ཞིག་ངོ་སྤྲོད་བྱེད་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་མང་ཤས་ཀྱང་ཁྱབ་བརྡལ་དུ་གཏོང་གིན་ཡོད། ཀུང་སི་རུ་ཁོས་ད་དུང་སྲོལ་རྒྱུན་གྱི་རྒྱན་གོས་དང་གནའ་སྒ། ལྕགས་ཟྭ། གནའ་སྒོར་སོགས་འགྲེམ་སྤེལ་བྱས་ཏེ་ཡུལ་སྐོར་བར་གཟིགས་མོལ་བྱེད་དུ་བཅུག་པ་མ་ཟད། སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཚོར་སྔར་ཡོད་སྲོལ་རྒྱུན་རྒྱུ་ཆ་བག་ཆགས་སུ་འཇོག་པར་ལག་ལེན་བྱེད་པར་རིན་མེད་གཟིགས་འབུལ་གྱི་གར་སྟེགས་སྤྲོད་གྱིན་ཡོད།

ཉེ་ཆར། གློག་རྡུལ་ཚོང་རའི་རྒྱ་ཇེ་ཆེ་དང་འཕེལ་རྒྱས་མགྱོགས་པོར་འགྲོ་བཞིན་པའི་སྐབས་སུ། ཀན་ལྷོ་ཁུལ་སྲིད་གཞུང་གིས་གློག་རྡུལ་ཁེ་ལས་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་གྱིན་པའི་ཆ་རྐྱེན་འོག  ཀན་ལྷོ་བླ་བྲང་དྲ་ལམ་ཚན་རྩལ་ཚད་ཡོད་ཀུང་སིས་ཀྱང་འབད་པ་ལྷོད་མེད་ཀྱིས་ཕྱིའི་གློག་རྡུལ་ཁེ་ལས་ཀུང་སི་སོགས་སུ་ཁྱབ་བསྒྲགས་བྱེད་པར་ཕྱིན་ཏེ་ཀན་ལྷོ་ཁུལ་གྱི་གློག་རྡུལ་ཁེ་ལས་ཡང་འཛམ་གླིང་ཅན་དུ་འགྱུར་བར་འབད་བརྩོན་བྱེད་གྱིན་ཡོད། ཀན་ལྷོ་བླ་བྲང་དྲ་ལམ་ཚན་རྩལ་ཚད་ཡོད་ཀུང་སིས་ད་དུང་སློབ་གྲྭ་ཆེན་མོ་བའི་སྤྱི་ཚོགས་ལག་ལེན་སྦྱོང་བརྡར་བྱེད་པར་གར་སྟེགས་ལེགས་པོ་ཞིག་སྤྲད་ཡོད་ཅིང་། བོད་ཀྱི་གློག་རྡུལ་ཁེ་ལས་ལ་དགའ་མོས་ཡོད་པའི་ན་གཞོན་པར་ལམ་སྣ་གསར་བ་ཞིག་ཀྱང་གཞི་ན་དྲངས་ཡོད། ཀུང་སིའི་འཕེལ་འགྲོས་ཇེ་མགྱོགས་དང་རྒྱ་ཇེ་ཆེར་སོང་བ་དང་བསྟུན་རང་ཁུལ་སློབ་ཆེན་སློབ་མ་མཐར་ཕྱིན་རྗེས་ལས་ཤོར་གྱི་ཚད་ཇེ་དམའ་རུ་འགྲོ་བའི་ཐད་ལ་ཡང་ནུས་པ་འདོན་ཅི་ཐུབ་བྱེན་གྱིན་ཡོད།།

(དངོས་སྦྱོང་གསར་འགོད་པ་བྲག་དཀར་ཚེ་རིང་དང་ལྷ་མོ་བཀྲ་ཤིས་ཀྱིས།)

རྩོམ་ཁུངས། ཀན་ལྷོའི་གསར་འགྱུར།

     རྩོམ་སྒྲིག་འགན་ཁུར་བ། གཅོད་པ་སྐྱབས།

རྩོམ་སྒྲིག་པ། པདྨ་འཚོ།